མོང་སྒར་རྫོང་ཁག
Appearance
མོང་སྒར་རྫོང་ཁག
[ཞུན་དག]མོང་སྒར་རྫོང་
[ཞུན་དག]- སྔོན་སྤྱི་༡༡༠༠སྐོར་ཆ་ཅིག་ཁར་ལྷའི་གདུང་གྲགས་བ་དབང་ཕྱུག་ཟེར་མི་འདི ་བུམ་ཐང་ཨུ་ར་དང་གཞོང་སྒར་མོལ་བ་ལུང་ལུ ་རྒྱལ་པོ་མཛད་དེ་གཞོང་སྒར་དུ་རྫོང་བཞེངས་ཏེ་བཞུགས་མི་དེ་གི་བརྒྱུད་པ་ལེ་ཤ་ར་བྱུང་པའི་ཤུལ་ལུ་འབྲུག་གཞུང་གི་ཤར་ཝང་སྤང་གསུམ་གྱི་དམག་ཀུར་སྟོད་དང་གཡང་རྩེ་ཧོང་ལུ་ཡོདཔ་པའི་སྐབས་ གཞོང་སྒར་གྱི་གཙོ་ཅན་ཚུ་སྟོང་ཕུ་རྒྱལ་པོ་ལུ་ ངལ་མ་རང་པར་ཡོདཔ་ལས་གཞོང་སྒར་ཆོས་མཛད་དཀར་པོ་གདུང་གིས་གཞུང་གི་དམག་དཔུང་གདན་འདྲེན་ཞུ་སྟོང་ཕུ་རྒྱལ་པོ་དང་གཞོང་སྒར་གྱི་རྒྱལ་ཕྲན་ཚུ་གེ་ར་དབང་འོག་ལུ་བསྡུ་ གཞོང་སྒར་རྫོང་སྔར་ལས་རྒྱ་བསྐྱེད་མཛད་དེ་གཞོང་སྒར་པ་ཟེར་བའི་གོ་གནས་ཅན་ཅིག་ སྐུ་ཚབ་འབད་བསྐོས་ཞིག་ན་ལས་ཚུར་གཞོང་སྒར་རྫོང་དེ་ཡང་འབྲུག་གི་རྫོང་གཞིས་གལ་ཅན་ཅིག་གི་གྲངས་སུ་ཚུད་ནུག །
- ཤུས་ལས་ཧེ་མ་གྱི་རྫོང་འདི་ན་འཐན་རང་རྙིངམ་ཐལ་ཏེ་ཉམས་སོང་པའི་ཁར་ ས་ཆ་ཡང་དྲོད་ཚ་དྲགས་འབད་ནི་འདི་གིས་ད་རེས་ཀྱི་རྫོང་སའི་ས་གནས་ མོང་སྒར་ལུ་གནས་སྤོ་སྟེ་སྣག་ཚང་ཁག་གཉིས་བརྐྱབས་སྡོད་པའི་ཞུལ་ལུ་འབྲུག་གི་དབང་ཕྱུག་རྒྱལ་རབས་གསུམ་པའི་སྐབས་་གཞོང་སྒར་པ་དཀར་ཅུང་གིས་ ད་ལྟོ་ཡོད་པའི་རྫོང་འདི་གསརཔ་བཞེངས་གནང་ནུག །
- དེ་གི་ཤུས་ལས་ རྫོང་ནང་གྲྭ་ཚང་གི་སྡེ་ཡང་ གསར་པ་བཙུགས་པ་ལས་ད་རེས་ཆོས་སྲིད་དང་ རྒྱལ་སྲིད་ཀྱི་ཕྱག་ལཱ་གནང་སའི་རྫོང་གཞིས་འབད་ ཡར་རྒྱས་གོང་འཕེལ་འབད་ཡོདཔ་ཨིན་ནོ །།
ཁོར་ཡུག
[ཞུན་དག]མགྲོན་ཁང་།
[ཞུན་དག]ལོ་རྒྱུས།
[ཞུན་དག]ལྗོངས་རྒྱུ།
[ཞུན་དག]ཡུལ་ཚོ།
[ཞུན་དག]མིང་ཐོགས་ཚུལ།
[ཞུན་དག]དུས་ཆེན།
[ཞུན་དག]མི་སྣ།
[ཞུན་དག]པར་རིས་བར་འཁྱམས།
[ཞུན་དག]བློ་གསལ་དབྱངས་ཅན་གླིང་བཙུན་མའི་བཤད་གྲྭ།
འབྲུག་ཤར་ཕྱོགས་ མོང་སྒར་རྫོང་ཁག་ཆ་འོག་ ཆགས་ཏེ་ཡོད་པའི་ བློ་གསལ་གླིང་བཙུན་མའི་བཤད་གྲྭ་འདི་ སྤྱི་ལོ་༢༠༡༡ལུ་བཞེངས་ནིའི་འགོ་བཙུགས་གནང་གནངམ་ཨིན། དེ་ཡང་ སྨན་ལྗོངས་ཆོས་ཀྱི་དབུ་ཁྲིད་དམ་པ་ ༧སྐྱབས་རྗེ༧རྗེ་མཁན་པོ་ ཁྲི་རབས་༧༠ པ་མཆོག་གི་ ཐུགས་དགོངས་བླ་ན་མེད་པ་གྲུབ་ཐབས་ལུ་དམིགས་ཏེ་ ད་རེས་གཞུང་གྲྭ་ཚང་གི་གཙུག་ལག་སློབ་དཔོན་རིན་པོ་ཆེ་ ཀརྨ་རང་གྲོལ་མཆོག་གིས་ཐུགས་བསྐྱེད་བླ་ན་མེད་པའི་སྒོ་ལས་ བཀའ་སློབ་ལམ་སྟོན་ཚུ་གནང་སྟེ་བཞེངས་གནང་པའི་ཁར་ འདི་ཁའི་བཙུན་མ་ཚུ་ལུ་ག་ཅིའི་འཐད་ལས་འབད་རུང་གྲོགས་རམ་རྒྱབ་སྐྱོར་ཚུ་མཛད་དེ་ བཤད་གྲྭ་འདི་འགོ་བཙུགས་གནང་ཡི། བཤད་གྲྭའི་དབུ་འཛིན་དང་པ་འདི་ མཁན་པོ་ཀུན་དགའ་མཆོག་དང་། གཉིས་པ་འདི་ མཁན་པོ་ཡེ་ཤེས་མཆོག་གི་མཛད་གནང་ཡོདཔ་ཨིན། མཁན་པོ་གཉིས་པའི་སྐབས་ལུ་ སྐྱབས་མགོན་རྡོ་རྗེ་སློབ་དཔོན་རིན་པོ་ཆེ་མཆོག་གིས་ གཙུག་ལག་ཁང་རྟེན་དང་བརྟེན་པ་དང་བཅསཔ་སྦེ་ བཀྲིས་རབ་གནས་མཛད་གནང་ཡི། ན་ཧིང་སྤྱི་ལོ་༢༠༢༣ ལུ་ མཁན་པོ་ཡེ་ཤེས་མཆོག་དགོངསམ་ཞུ་བའི་ཤུལ་ལུ་ དབུ་འཛིན་གསུམ་པ་སྦེ་ མཁན་པོ་བསོད་ནམས་བཀྲ་ཤིས་མཆོག་གིས་ཁྲི་དར་བཞེས་ཏེ་ ཕྱིའི་འཛིན་སྐྱོང་དང་ ནང་གི་ཤེས་ཡོན་ཚུ་ལེགས་ཤོམ་སྦེ་ སློབ་སྟོན་གནང་དང་གནང་བཞིན་པ་ཡོད། ད་རེས་ནཱ་ལུ་དཔེ་ཆ་སློབ་སྟོན་གནང་མི་ སློབ་དཔོན་དགེ་སློང་གཅིག་དང་ བཙུན་མ་གསུམ་ཡོདཔ་ད་ སློབ་ཕྲུག་བཙུན་མ་དགུ་བཅུ་ལྷགཔ་ཅིག་གིས་ཐོས་བསམ་ཚུ་ཚུལ་མཐུན་སྦེ་མཛད་བཞིན་ཡོད། འདི་ནང་ལོ་བསྟར་བཞིན་དུ་ བསྟན་པ་དང་འགྲོ་བའི་དོན་ལུ་དང་ ལྷག་པར་དུ་རྒྱལ་ཁབ་ཀྱི་སྐུ་རིམ་ལུ་དམིགས་ཏེ་ སྨྱུང་གནས་ཆ་བརྒྱད་དང་ དབྱར་གནས། འདི་བཟུམ་སྦེ་ ཡར་ངོ་མར་ངོའི་ཚེས་བཅུ་དང་ སྐུ་མཆོད་འབུམ་སྡེ་ གསོན་གཤིན་གྱི་རིམ་གྲོ་དང་བསྔོ་སྨོན་ཚུ་གནང་བཞིན་པ་ཡོད། བཙུན་མ་ཚུ་གིས་ ནང་པའི་གཞུང་ཆེན་སྤྱི་དང་ རང་ལུགས་ཀྱི་ཡིག་ཆ་ཚུ་ལུ་ ཐོས་བསམ་གནང་དོ་ཡོདཔ་ཨིནམ་པའི་ཁར་ དེང་སང་གི་ཤེས་ཡོན་ཨིང་ལིཤ་དང་ གློག་རིག་གི་ཤེས་ཡོན་ཚུ་ཡང་སློབ་སྦྱོང་འབད་དོ་ཡོདཔ་ཨིན།ཟིན་ཐོ་འམ་དཔྱད་གཞི།
[ཞུན་དག]དཔྱད་གཞིའི་དཀར་ཆག།
[ཞུན་དག]ད་དུང་གཟིགས།
[ཞུན་དག]ཕྱི་ཕྱོགས་དྲ་མཐུད།
[ཞུན་དག]